打嗝不是病,停不下来要人命。那么,打嗝作为日常生活中常见的一种症状,是由什么原因引发的,我们又该采取什么方法来止嗝呢?
一、中枢神经兴奋
打嗝也是一种神经反射,如果这个神经受到了刺激,控制打嗝神经的中枢神经出现问题后,能够导致打嗝神经兴奋的情况有很多,其中以脑部炎症或者其他全身性疾病为常见病因。
二、外周性疾病
膈逆反射除了中枢性神经问题能够引起之后,外周性病因也是可以导致膈逆神经兴奋的,当中与膈肌本身病变或者周围器官病变疾病有关。例如膈肌肿瘤、肺癌、食管裂孔疝等等。
三、饮食习惯
平时饮食习惯对于打嗝也有很重要的影响,例如饱餐或者摄入过冷过热的饮料,外界温度急剧改变都可以引起膈逆。
四、其他
一些药物以及手术后的麻痹状态还有精神状态等都可以造成打嗝。内耳疾病以及前列腺病变等疾病也能够引起打嗝。
膈逆超过24小时以上,称之为难治性呃逆,所以膈逆还是需要及时采取措施止住,有一些比较简单而且有效的方法可以帮助人们快速止隔。
一、憋气
打嗝的时候憋半分钟气,刚开始打嗝的频率会大大降低,再憋一次,基本上就好了,如果还没止住,就再憋一次。很管用的一招。
二、深呼吸
适用于出现在进食的时候发生的呃逆,方位比较简单,只需要连续做几次深呼吸,同时配以较长的呼气,重复几次便可以有效止住打嗝。
三、按压穴位
当呃逆频繁时,可以自行按摩位于手指两侧的“少商”穴位。此穴--位于大拇指指甲的外侧,位于月牙白附近,按压此穴位直到有明显的酸胀感觉。两拇指应该交替进行。
四、弯腰喝水法
喝下几大口温开水或10毫升温醋,同时弯腰90°。胃部距离膈肌比较近,所以温水的刺激可以透过胃部刺激到膈肌,减缓膈逆神经的兴奋性,以此来达到止隔的目的。
打嗝不是什么大问题,但是如果长时间打嗝不但会影响到正常的生活以及工作,甚至还是疾病的征兆,因此我们需要在打嗝的时候采取措施止住打嗝。当然,如果持续打嗝也是需要到医院去进行详细检查或定期体检。
ཨིག་ཀ་རྒྱག་པ་ནི་ནད་མ་རེད། འོན་ཀྱང་མཚམས་མ་ཆད་ན་མི་སྲོག་གཅོད་ཉེན་ཡོད། དེས་ན། ཨིག་ཀ་རྒྱག་པ་ནི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་ནད་རྟགས་ཤིག་ཡིན་པའི་ངོས་ནས་བཤད་ན། དེ་ནི་རྒྱུ་རྐྱེན་གང་འདྲ་ཞིག་གིས་བསླངས་པ་ཡིན། ང་ཚོས་ཐབས་ཅི་ཞིག་སྤྱད་ནས་ཨིག་ཀ་རྒྱག་པ་མཚམས་གཅོད་དགོས།
1.གཙོ་གྱུར་དབང་རྩ་ངར་ལངས་པ།
ཨིག་ཀ་རྒྱག་པ་ཡང་དབང་རྩའི་ཚུར་སྣང་ཞིག་ཡིན། གལ་སྲིད་དབང་རྩ་འདིར་ཕོག་ཐུག་ཐེབས་ཏེ། ཨིག་ཀ་རྒྱག་པར་ཚོད་འཛིན་བྱེད་པའི་དབང་རྩའི་གཙོ་གྱུར་དབང་རྩར་གནད་དོན་ཐོན་རྗེས། ཨིག་ཀ་རྒྱག་པའི་དབང་རྩར་ངར་སློང་བའི་གནས་ཚུལ་མང་པོ་ཡོད། དེའི་ནང་ནས་ཀླད་པའི་གཉན་ཚད་དམ་གཞན་པའི་ལུས་ཡོངས་རང་བཞིན་གྱི་ནད་རིགས་ནི་རྒྱུན་མཐོང་གི་ནད་རྐྱེན་ཞིག་ཡིན།
2.ཕྱི་འཁོར་རང་བཞིན་གྱི་ནད་རིགས།
མཆིན་དྲི་ལྡོག་པའི་ཚུར་སྣང་ནི་ལྟེ་བའི་རང་བཞིན་གྱི་དབང་རྩའི་གནད་དོན་གྱིས་སློང་ཐུབ་པ་ཕུད། ཕྱི་འགོར་རང་བཞིན་གྱི་ནད་རྐྱེན་གྱིས་ཀྱང་མཆིན་དྲི་ལྡོག་པའི་དབང་རྩར་ངར་སློང་ཐུབ། དེའི་ཁྲོད་བྲང་སྐྱི་རང་ཉིད་ནད་འགྱུར་རམ་ཡང་ན་མཐའ་འཁོར་གྱི་དབང་པོའི་ནད་རིགས་དང་འབྲེལ་བ་ཡོད། དཔེར་ན། ཕོ་སྐྲན་དང་། གློ་བའི་སྐྲན། ཟས་སྦུག་གས་པ་སོགས།
3.བཟའ་བཏུང་གི་གོམས་གཤིས།
ནམ་རྒྱུན་བཟའ་བཏུང་གི་གོམས་གཤིས་ཀྱིས་ཨིག་ཀ་རྒྱག་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དཔེར་ན། ཟ་མ་རྒྱགས་དྲགས་པ་དང་། ཚ་དྲགས་པ། གྲང་དྲགས་པའི་བཏུང་བྱ་བཏུང་བ། དེ་བཞིན་ཕྱི་རོལ་གྱི་དྲོད་ཚད་མགྱོགས་མྱུར་གྱི་འགྱུར་ལྡོག་བྱུང་བ་བཅས་ཚང་མས་མཆིན་དྲི་ལྡོག་པའི་ནད་སློང་གི་ཡོད།
4.གཞན་དག
སྨན་རྫས་ཁག་གཅིག་དང་གཤགས་བཅོས་རྗེས་ཀྱི་བེམ་སྦྲིད་རྣམ་པ་ད་དུང་བསམ་བློའི་གནས་ཚུལ་སོགས་ཚང་མས་ཨིག་ཀ་རྒྱག་སྲིད། རྣ་བའི་ནད་རིགས་དང་མདུན་ཆགས་རྨེན་བུ་ནད་འགྱུར་སོགས་ནད་རིགས་ཀྱིས་ཀྱང་ཨིག་ཀ་སློང་ཐུབ།
མཆིན་དྲི་ལྡོག་པ་ཆུ་ཚོད་24ཡན་བརྒལ་ན། དེར་བཅོས་དཀའ་རང་བཞིན་གྱི་འགག་དྲི་རྒྱག་པ་ཟེར། དེར་བརྟེན། མཆིན་དྲི་ལྡོག་པ་དེ་ཡང་དུས་ཐོག་ཏུ་བྱེད་ཐབས་སྤྱད་ནས་འགོག་དགོས། ཅུང་སྟབས་བདེ་བ་མ་ཟད་ནུས་ལྡན་གྱི་ཐབས་ཤེས་འགས་མི་རྣམས་ལ་ཨིག་ཀ་རྒྱག་པ་མགྱོགས་མྱུར་ངང་མཚམས་ཆད་པར་ཕན་ཐུབ།
1.དབུགས་སྒོམ་པ།
ཨིག་ཀ་རྒྱག་སྐབས་སྐར་མ་ཕྱེད་ཀ་དབུགས་སྒོམ་ན། དང་ཐོག་ཨིག་ཀ་རྒྱག་ཚད་ཇེ་དམར་འགྲོ་སྲིད། ཡང་བསྐྱར་གཅིག་སྒོམ་ན། རྩ་བའི་ཆ་ནས་ཡག་པོ་ཡོང་གི་རེད། གལ་སྲིད་ད་དུང་མཚམས་ཆད་མེད་ན་ཡང་བསྐྱར་གཅིག་སྒོམ་དགོས། ཤིན་ཏུ་གོ་ཆོད་པའི་ཐབས་ཤེས་ཤིག་རེད།
2.དབུགས་རིང་རྔུབ་འབྱིན།
ཟས་ཟ་བའི་སྐབས་སུ་ཐོན་པའི་འགག་དྲི་རྒྱག་པར་སྤྱད་ན་འཚམ། ཐབས་ཤེས་ཅུང་སྟབས་བདེ་བ་སྟེ། བསྟུད་མར་དབུགས་རིང་འབྱིན་རྔུབ་ཐེངས་ཁ་ཤས་བྱེད་པ་དང་དུས་མཚུངས་སུ་དབུགས་རིང་པོ་ཞིག་འབྱིན་པ་བཅས་ཐེངས་ཁ་ཤས་བསྐྱར་བཟློས་བྱས་ན་ཕན་འབྲས་ལྡན་པའི་ངང་ཨིག་ཀ་རྒྱག་མཚམས་གཅོད་ཐུབ།
3.གསང་མིག་གནོན་ཕུར་བྱེད་པ།
འགག་དྲི་ལན་མང་རྒྱག་པའི་སྐབས་སུ། རང་འགུལ་གྱིས་མཛུབ་མོའི་གཞོགས་གཉིས་སུ་ཡོད་པའི་“མཐེབ་གསང་།”ལ་ཕུར་མཉེད་བྱེད་ཆོག གསང་མིག་འདི་ནི་མཐེ་བོང་གི་སེན་མོའི་ཕྱི་གཞོགས་ཉ་མ་གང་བའི་ཟླ་བའི་འགྲམ་དུ་ཡོད།
གསང་མིག་དེར་སྐྱུར་སྦོས་ཀྱི་ཚོར་བ་མངོན་གསལ་ཞིག་མ་བྱུང་བར་དུ་གནོན་ཕུར་བྱེད་དགོས།
མཐེ་བོང་གཉིས་བརྗེ་རེས་ཀྱིས་གནོན་ཕུར་བྱེད་དགོས།
4.སྐེད་པ་སྒུར་ནས་ཆུ་འཐུང་བའི་ཐབས།
ཆུ་དྲོད་འཇམ་ཧུབ་ཆེན་པོ་ཁ་ཤས་སམ་ཚུའུ་དྲོད་འཇམ་ཧའོ་ཧྲེང་10བཏུང་བ་དང་དུས་མཚུངས་སུ་སྐེད་པ་ཏུའུ་90སྒུར་དགོས། ཕོ་བ་ནི་བྲང་སྐྱི་དང་བར་ཐག་ཅུང་ཉེ་བས་ཆུ་དྲོད་འཇམ་གྱི་ཟུག་གཟེར་དེ་ཕོ་བའི་ཟུག་གཟེར་བརྒྱུད་ནས་བྲང་སྐྱིའི་ཐོག་སླེབས་ཏེ་མཆིན་དྲི་ལྡོག་པའི་དབང་རྩའི་ངར་ལངས་རང་བཞིན་ཇེ་དལ་དུ་བཏང་ནས་ཨིག་ཀ་རྒྱག་པ་མཚམས་གཅོད་པའི་དམིགས་ཡུལ་འགྲུབ་ཐུབ།
ཨིག་ཀ་རྒྱག་པ་ནི་གནད་དོན་ཆེན་པོ་ཞིག་མ་རེད། འོན་ཀྱང་གལ་ཏེ་རྒྱུན་རིང་པོར་ཨིག་ཀ་བརྒྱབ་པ་ཡིན་ན། དེས་རྒྱུན་ལྡན་གྱི་འཚོ་བ་དང་ལས་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད་ཐ་ན་ནད་ཡམས་ཀྱི་སྔ་ལྟས་ཀྱང་ཡིན། དེར་བརྟེན། ང་ཚོས་ཨིག་ཀ་རྒྱག་པའི་སྐབས་སུ་བྱེད་ཐབས་སྤྱད་ནས་མཚམས་གཅོད་དགོས། གལ་སྲིད་ཨིག་ཀ་རྒྱུན་མཐུད་ནས་བརྒྱབ་ན་སྨན་ཁང་དུ་ཕྱིན་ཏེ་ཞིབ་ཕྲའི་ཞིབ་བཤེར་བྱེད་པའམ་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱེད་དགོས་པ་སྨོས་མེད་རེད།
原标题:《藏文科普丨如何快速止嗝?》
阅读原文